ཐུབ་བསྟན་

ཐུབ་བསྟན་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཀ་བཞི་གྲོང་བརྡལ་ཞེས་པའི་ནོར་ལུག་གིས་ས་གཞིར་ཁྱབ་པའི་འབྲོག་ཐང་ཞིག་ཏུ་སྐྱེས་ཤིང་ལོ་བདུན་ཙམ་ནས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་ །   རི་གྲོང་དང་ནགས་གསེབ།  རྫ་རི་དང་སྤང་རི་སོགས་མཛེས་སྡུག་ཕུན་སུམ་ཚོགས་པའི་ཞིང་དུ་ནོར་ལུག་འཚོ་སྐྱོང་གི་ལས་སུ་ཞུགས།    ལོ་འདི་དག་ནི་ཤེས་ཡོན་དང་སློབ་སྦྱོང་སོགས་ཀྱི་གོ་སྐབས་ནམ་ཡང་མ་ཐོབ་པའི་མུན་ནག་གི་ལོ་ཟླ་ཁོ་ན་མ་འདས་པས་རང་ཉིད་ཀྱི་ཉམས་མྱོང་ལ་གཞིགས་དུས་སྐབས་དེ་དུས་ཀྱི་རང་དང་འདྲ་བའི་གཞོན་ནུ་ལོ་ཆུང་དག་ལ་ཤེས་རིག་དང་འཕྲོད་བསྟེན་སོགས་ཀྱི་ཕ་ས་ཆུང་ཆུང་ཞིག་བསྐྲུན་ཐུབ་ན་ཅི་མ་རུང་བསམ་ནས་ལོ་དང་ཟླ་བ་འདས་སོང་།    དེ་འདྲ་བའི་མུན་ནག་གི་འཇིག་རྟེན་འདི་རང་གི་ཕ་ཡུལ་གཅིག་པུ་ག་ལ་ཡིན་ཏེ་ བོད་ཁམས་ཁྱོན་ཡོངས་ཀྱི་ཞིང་འབྲོག་པའི་ས་ཁུལ་ཁག་ཀྱང་དེ་བཞིན་རེད།   ཨ་རི་དང་ཡོ་རབ་ཁག་ཏུ་བཞུགས་པའི་གཏོང་ཕོད་ཆེ་ལ་ལྷག་བསམ་དཀར་བའི་གྲོགས་མཆོག་ཁག་གིས་རླབས་ཆེའི་རོགས་འདེགས་ཀྱི་འོག་ཤེས་ཡོན་དང་འཕྲོད་བསྟེན་སོགས་གོང་འཕེལ་གཏོང་བའི་བོད་ཀྱི་གཞན་ཕན་ལས་གཞི་ཞེས་པའི་སྔོན་འགྲོའི་ལས་སུ་འབད་བཞིན་ལགས།

དེང་གི་དུས་སུ་བོད་ཀྱི་རྒྱལ་ས་ལྷ་ལྡན་ཞིང་དུ་ཚོང་ལས་དང་སློབ་སྦྱོང་སོགས་ཀྱི་ལས་བྲེལ་འོག་ཉིན་རེའི་འཚོ་བར་རོལ་བཞིན་གནས་སོ།།

Thupten

Zametak

རྫ་མེ་སྟག – དངོས་མིང་ལ་ཆོས་རྒྱལ་ཡོན་ཏན་དང་སྨྱུག་མིང་ལ་རྫ་མེ་སྟག་ནི་སྤྱི་ལོ་ ༡༩༩༥ ལོའི་དཔྱིད་དུས་ཤིག་ཏུ་ཁུ་བྱུག་སྔོན་མོའི་མགྲིན་དབྱངས་དང་ལྷན།   རྫ་ཆུ་སྔོན་མོའི་གཡས་ཟུར་ཞིག་ན་སྦྲ་ནག་གྲུ་བཞིའི་མཆན་འོག་ཏུ་ཆེས་ཐོག་མའི་ངུ་ངག་གངས་ལྗོངས་སུ་བསྒྲགས། དུས་དེ་ནས་བཟུང་སྟེ་དྲིན་ཅན་མ་ལོའི་དྲོད་འཇམ་གྱི་པང་ཁུག་ནས་ཞིམ་མངར་ནུ་འོའི་རོ་བཅུད་ཀྱིས་ན་ཆུང་བྱིས་པའི་གཉོམ་ལག་ཡོངས་སུ་རྒྱས།   ལོ་ན་བརྒྱད་ཀྱི་དུས་ནས་འདོ་རིག་རྟ་ཕོའི་འཚེར་སྐད་དང་གཡང་དཀར་ལུག་གི་འབའ་སྒྲ།   ད་དུང་ནག་ཆུང་ནོར་གྱི་ངུར་སྐད་དང་ལྷན་དུ་ཡངས་བའི་རྩྭ་ཐང་དང་མཐོ་བའི་རྫ་མགོ་སོགས་ནས་མེ་ཏོག་སེར་ཆེན་གྱི་འཛུམ་ཞལ་དང་ལྷན་དུ་བྱིས་དུས་ཀྱི་མི་ཚེ་འབྲོག་ཁྱིམ་ནས་རྫོགས།   དུས་རབས་དང་ལས་དབང་གིས་བཀོད་སྒྲིག་འོག་ནས་ངོ་མཚར་ཆེ་ཞིང་དགའ་སྐྱིད་བག་ཕེབས་ལྡན་པའི་སྔར་ཡོད་ཀྱི་དུས་བཟང་དེ་ཕར་ལ་བསྐྱལ་ཞིང་སྐྱོ་གདུང་དང་ཟུག་གཟེར་གྱིས་ཁེངས་པའི་ལོ་ཟླ་ནག་པོ་དེ་རིམ་བཞིན་ཚུར་ལ་བསུས།  དེ་ལྟར་མཛེས་པའི་ཁྱིམ་གཞིས་རྒྱང་ན་བཞག་ནས་རྒྱུས་མེད་མི་ཡུལ་གྱི་ས་མཐའ་རིིང་མོར་གོམ་པའི་གདེང་ཀ་ཐོག་མར་བཙུགས།   དེ་ནས་ལས་དབང་མགྲོན་པོའི་དགའ་བསུའི་ཐལ་སྒྲ་ལས་ཡིད་འོང་སུ་ཇའི་ཕོ་བྲང་ཡུལ་དུ་བསྐྱལ།    ཤེས་རིག་གི་ལྡུམ་རྭའི་ནང་རང་དང་མཉམ་པའི་གསར་སྐྱེས་ཀྱི་ལྗང་མྱུག་དག་དང་ལྷན་དུ་སྐད་རིག་དང་ཚན་རྩལ་སོགས་ཀྱི་དྲོད་གཤེར་ལོངས་སུ་སྤྱོད། ཞོར་ལ་སློབ་གྲྭའི་དུས་དེབ་{ གངས་ལྗོངས་མྱུ་གུ }འི་རྩོམ་སྒྲིག་པ་དང་{ གངས་ཟླ }ཚགས་ཤོག་གི་རྩོམ་སྒྲིག་ལས་རོགས།   གཞན་ཡང་བགྲང་བྱ་འགའ་ཡི་རིང་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་དང་རྩོམ་རིག་གི་གར་སྟེགས་སྒང་ནས་རྣམ་དཔྱོད་དང་འགྲན་རྩོད་ཀྱི་ཨང་རིམ་དང་པོ་དང་གཉིས་པ་སོགས་ཀྱི་ཞབས་བྲོ་འཁྲབ་པ་ཉུང་ཉུང་མིན།    རྗེས་སུ་ཕུགས་བསམ་གྱི་དམ་བཅའ་ཞིག་མདུན་དུ་བསུ་བཞིན་སྲོལ་རྒྱུན་དང་དེང་རབས་ཀྱི་ཁ་དབུགས་ཤིན་ཏུ་གཙང་བའི་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་ལ་སྟ་གོན་གྱི་གོ་བསྐལ་ཐོབ།   ད་ལྟའི་ཆར་སློབ་ཞོར་དུ་གཙུག་ལག་སློབ་ཁང་གི་དུས་དེབ་{ སྤྱི་ཚོགས་སྣང་བརྙན་ } གྱི་རྩོམ་སྒྲིག་ལས་རོགས་དང་སེམས་ངོགས་ཀྱི་ཚོར་རླབས་གཤའ་མ་དག་དབྱངས་གསལ་སོ་བཞིའི་སྟར་འཕྲེང་ལམ་ནས་སྤྱི་ཚོགས་ཀྱི་སྤྱན་སྔ་རུ་རྩོམ་རིག་ཐན་ཐུན་རེ་འབྲི་བཞིན་མཆིས།   

རྐང་པ་འཇོག་ས་ལག་པས་གཙང་མ་བཟོས།།

སེམས་ཀྱི་ཚོར་བ་ཤོག་དཀར་ཐང་ན་བཏབ།།

མི་གཞི་བཞེངས་སྐྲུན་བྱིས་པའི་དུས་སུ་གོམས།།

རྣམ་དཔྱོད་མིག་ཟུང་རྒྱང་རིང་ཕྱོགས་ན་བསྲིངས།།

David

མཁས་དབང་སྒྲ་ཝེད་ཌ་ལགས་ནི་དབྱིན་ཇིའི་བྱང་ཤར་གྱི་ཐྲ་ཡེན་སྒང་གི་ནེའུ་ཁེལ་སྲེལ་དུ་བཞུགས་པའི་སྤུན་མཆེན་བཞི་ཡོད་པའི་ཆུང་ཤོས་དེ་ཡིན།   ཁོང་ནི་རྒྱུན་དུ་ནང་བསྟན་ཆོས་ལུགས་ལ་དད་གུས་དང་ཉམས་ལེན་སོགས་ཧ་ཅང་ཆེ།

དེ་བཞིན་ཁོང་གིས་རྟག་ཏུ་བོད་ཀྱི་གཞན་ཕན་ཚོགས་པ་ཐོག་མར་འགོ་འཛུགས་པ་ནས་བཟུང་གཏོང་ཕོད་དང་ལྷག་བསམ་ཆེན་པོས་རྒྱབ་སྐྱོར་གནང་ཡོད། ལོ་འདི་དག་གི་རིང་ལ་ཐུབ་བསྟན་གཞན་ཕན་ལས་གཞི་ཁག་ལ་དེབ་དང་གྱོན་པ།   ཕྲུ་གུའི་རྩེད་ཆས་སོགས་བགྲང་ལས་འདས་པའི་བྱམས་བརྩེའི་རོགས་འདེགས་བླ་ན་མེད་པར་གནང་དང་གནང་མུས་སུ་བཞུགས་ཡོད་དོ།།

Yemado

ཡེ་མ་སྡོ་ནི་བྷོ་ཨ་བྷོཾ་དང་གསེ་ཨམ།    ཧ་ས་ནེ།   ཡ་ཨན་བྷོ་ཨོ་སོགས་ཀྱི་དགེ་རྒན་བགྲེས་པ་དང་བྷོ་སུ་ཏྲོན་བྷོ་ཨ་བྷོཾ་གྱི་སློབ་གྲྭའི་ཚད་འཛིན་ངེས་སྟོན་པ་ཡང་གནང་བཞིན་ཡོད།  ཁོང་གིས་ཤར་གླིང་ཨེ་ཤི་ཡ།  ཡུ་རོབ་དང་ལྷོ་ཨ་མེ་རི་ཀ་སོགས་འཛམ་གླིང་ཤར་ནུབ་གང་སར་སློབ་ཁྲིད་དང་བགྲོ་གླེང་ཚོགས་འདུ་སོགས་གཉེར་བཞིན་གསེ་ཨམ།    ཧ་ས་ནེའི་ལྐོག་གྱུར་གྱི་སྒྱུ་རྩལ་ཞེས་པའི་དེབ་དེ་གཙོ་བོར་གྱུར་བའི་བྷོ་ཨ་བྷོཾ་སྒྱུ་རྩལ་སྐོར་གྱི་དཔེ་དེབ་ཁག་གི་རྩོམ་སྒྲིག་པ་དང་ལོ་ཙྰ་བཅས་ཀྱི་ལས་བྲེལ་ངང་ཨ་རིའི་བྷོ་སུ་ཏྲོན་མངའ་སྡེར་བཞུགས་ཡོད་དོ།།