དུས་ཀྱི་འཕོ་འགྱུར་ནི་སྐད་གཅིག་ཙམ་ཡང་མི་གནས་པར་ཡར་རྒྱས་ཀྱི་ལམ་ཁར་འཕུར་བཞིན་པའི་དུ་རབས་ཉེར་གཅིག་པའི་ཚན་རྩལ་རིག་པའི་པང་དུ་འཛམ་གླིང་ཤར་ནུབ་ཚང་མ་དྲྭ་བའི་འཁོར་བསྐྱོད་ཀྱི་གསེབ་ནས་ཚང་ཀ་ཤིག་ཤིག་ཏུ་སོ་སོས་ཆབ་དཔལ་རིག་གསུམ་འཛིན་སྐྱོང་སྤེལ་བའི་ལས་སུ་ཞུགས་བཞིན་པའི་དུས་སྐབས་སུ་ངེད་ཐུབ་བསྟན་དྲྭ་བས་ཀྱང་དྲྭ་ཐོག་ཚོང་གཉེར་ཁང་ཆུང་ཆུང་ཞིག་གིས་རེ་བའི་མིག་འབུར་གཏོད་ཀྱིན་པས་ལྷན་རྒྱས་ཚོར་དགོས་མཁོ་རེ་མཆིས་ཚེ་ཐུགས་སེམས་སྤྲོ་དགའི་ངང་ནས་ཐད་ཀར་འབྲེལ་བ་གནང་རོགས་ཞུ་རྒྱུ་དང་བཅའ་དངོས་ཀྱི་རྒྱུ་སྤུས་སོགས་སུ་ཁག་ཐེག་བྱེད་ངེས་ཡིན་ལགས་སོ།།
བོད་ཀྱི་གནའ་བོའི་ནོར་རྒྱན།
ཡུལ་སྐོར་
བོད་ཀྱི་ཐོན་རྫས།
བོད་ཀྱི་ཐོན་རྫས།/gdlr_tab]
བོད་ཀྱི་གནའ་བོའི་ནོར་རྒྱན།/gdlr_tab]
ཡུལ་སྐོར་
ཡུལ་སྐོར་ལས་རིགས་ནི་ཚོང་ལས་དོན་དུ་གཉེར་བ་གཅིག་པུ་མ་ཡིན་པར་ཡུལ་དང་ལུང་པ། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་ཁ་ཁ་སོ་སོར་ཡིན་པའི་གྲོགས་པོ་གསར་པ་ཐུགས་འཕྲད་དང་། མཛེས་ཤིང་ལྟ་ན་སྡུག་ཅིང་ཡིད་དུ་འོང་བའི་ང་ཚོའི་དྲོད་སྐྱིད་ཕུན་སུམ་ཚོགས་པའི་ཁྱིམ་གཞི་སྟེ་འཛམ་གླིང་ཧྲིལ་པོ་འདིའི་ཕྱིའི་སྣོད་ཀྱི་བཀོད་པ་དང་། ནང་བཅུད་ཀྱི་སེམས་ཅན་དེ་དག་རེ་རེ་བཞིན་རྒྱུས་ལོན་དང་། འགྲོགས་འདྲིས་སོགས་ཀྱིས་མི་ཚེ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་དང་ཅི་བསམ་ལྷུན་འགྲུབ་ཡོང་བའི་དགེ་ཕན་བླ་ན་མེད་པ་ཡོད་པས་ངེད་བོད་ཀྱི་ཡུལ་སྐོར་སྡེ་མཚན་གྱིས་ཁྱེད་རྣམ་འཛམ་གླིང་ཡང་རྩེར་གནས་པའི་ཁ་བའི་ལྗོངས་སུ་ཕེབས་པར་བཀྲིས་བདེ་ལེགས་ཀྱིས་བསུ་བ་གྲངས་མེད་ཞུ། བོད་ཀྱི་ཡུལ་སྐོར་ནི་རིན་གོང་ཆུང་ལ་ཞབས་ཞུའི་སྤུས་ཀ་ལེགས་པའི་མཐོ་སྒང་གི་ཡུལ་སྐོར་ལས་རིགས་ཤིག་ཡིན། ངེད་ཚོས་ཁྱེད་ཀྱི་ཐུགས་འདོད་ལྟར་འཛམ་གླིང་ཡང་སྟེང་གི་མཛེས་སྡུག་ཡོད་ཚད་མིག་དབང་སྤྲོ་དགའི་དཔལ་དུ་མཆོད་ངེས་ཡིན། ངེད་བོད་ཀྱི་ཡུལ་སྐོར་གྱིས་ཁ་བ་གངས་ལྡན་གྱི་ཞིང་ནས་ཁྱེད་ལ་ཕེབས་སྒུག་ཞུ་བཞིན་ཡོད་པས་ཐུགས་རེ་མཆིས་ཚེ་ང་ཚོར་འབྲེལ་བ་གནང་རོགས་ཞུའོ།།
www.journeytibet.com